top of page

༄༅། །དགའ་ཤར་དཔལ་ལྡན་ལྷོ་པ་ཁང་ཚན་དུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་སྐོར།

༄༅། །དགའ་ཤར་དཔལ་ལྡན་ལྷོ་པ་ཁང་ཚན་དུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དམིགས་གསལ་ཞིག་ཞུ་སྲོལ་ཡོད་པ་འདིའི་འཕེལ་རིམ་ནི།

 

དེ་ཡང་ཕྱི་ལོ་༢༠༠༤་ལོར་དགའ་ཤར་སློབ་གྲྭའི་སློབ་དགེ་ཟུར་པ་དགེ་བཤེས་བློ་བཟང་བསྟན་པ་ལགས་ཀྱིས་མཆོག་སྤྲུལ་བསྟན་འཛིན་ཚེ་རིང་གི་སྐྱེས་སྐར་དང་ཆབས་ཅིག་ཁང་ཚན་ནང་དུ་དམིགས་གསལ་གྱི་རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་ཐོག་མར་ཞུ་འགོ་ཚུགས། ༢༠༠༨ ནས་སྤྲུལ་སྐུ་བསྟན་འཛིན་ཚེ་རིང་གིས་ཁང་ཚན་གྱི་གྲྭ་གཞོན་ཁག་དང་ལྷན་དུ་༧གོང་ས་མཆོག་གི་ཞབས་བརྟན་སྨོན་ཚིག་འཁུར་བ་དང་བཅས་ཏེ་འཁྲུངས་སྐར་སྲུང་བརྩི་ཞུས། ༢༠༡༠ ནས་ཁང་ཚན་གྱི་དགེ་འདུན་འདུས་མང་བཅས་མཉམ་འཛོམས་ཐོག་ཁང་ཚན་གྱི་མདུན་ཐང་དུ་དགའ་དད་སྤྲོ་གསུམ་གྱིས་སྒོ་ནས་རྒྱལ་བའི་འཁྲུངས་སྐར་སྲུང་བརྩི་ཞུས། ཕྱི་ལོ་ ༢༠༡༤ ལོར་འཛམ་གླིང་ཡུལ་གྲུ་གང་སར་སྐུའི་གྱ་སྟོན་སྲུང་རྩི་ཞུས་པ་བཞིན་ཏུ་རང་རེ་ཁང་ཚན་ནས་ཀྱང་ཁོང་གི་གྱ་སྟོན་དང་འབྲེལ་བའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་པ་ནས་ད་ལྟ་མུ་མཐུད་བཞིན་པའི་འཁྲུངས་སྐར་སྲུང་བརྩི་ཞུ་སྲོལ་འདི་བཞིན་དར། སྐུའི་འཁྲུངས་སྐར་སྐབས་རང་རེ་ཁང་ཚན་གྱི་དད་ལྡན་གཏོང་ཕོད་མཆོག་ཏུ་ཡངས་པ་གྲྭ་ཟུར་དང་འབྲེལ་ཡོད་སྦྱིན་བདག་ཁག་ནས་འགྲོ་གྲོན་གི་སྦྱིན་བདག་གནང་།

གངས་ཅན་ལྷ་གཅིག་ཕྱག་ན་པདྨོ་ཡི།།

སྐུའི་འཁྲུངས་སྐར་ཞུ་དང་ཞུ་མུས་མཐུས།།

གང་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་།།

ཐུགས་ཀྱི་བཞེད་དགོངས་འབད་མེད་ལྷུན་གྲུབ་ཤོག །

bottom of page