top of page
monks-standing.jpeg

དགེ་བཤེས་བློ་བཟང་ཤེས་རབ་ཀྱི་ཡང་སྲིད་སྐུ་ཞབས་ཡི་ཤེས་རྒྱ་མཚོའི་ལོ་རྒྱུས་སྙིང་བསྡུས།

  • Facebook
  • Twitter
  • LinkedIn
  • Instagram

དགེ་བཤེས་བློ་བཟང་ཤེས་རབ་ཀྱི་ཡང་སྲིད་སྐུ་ཞབས་ཡི་ཤེས་རྒྱ་མཚོའི་ལོ་རྒྱུས་སྙིང་བསྡུས།

༄༅། །ཕྱི་ལོ། ༢༠༠༦ བོད་ཟླ་༣ པའི་ཚེས་ ༢༥ ལ་མོན་རྟ་དབང་བེ་ཀར་ཡུལ་དུ་ཡབ་པདྨ་ཕུན་ཚོགས་དང་ཡུམ་བློ་བཟང་ཆོས་འཛོམས་གཉིས་ཀྱི་སྲས་སུ་༧གོང་ས་སྐྱབས་མགོན་ཚངས་དབྱངས་རྒྱ་མཚོའི་ཡུམ་ཚེ་དབང་ལྷ་མོའི་ཕོ་བྲང་ཀུ་ཤང་ནང་དུ་ངོ་མཚར་དང་བཅས་པར་སྐུ་བལྟམས། ཕྱི་ལོ་༢༠༡༣ བོད་ཟླ་༡ ཚེས་༡ ནས་༥ བར་ཟླ་བ་གཅིག་ཙམ་ལྷག་མོན་རྟ་དབང་གི་ས་ཁུལ་ན་ཡོད་པའི་ཕྲུ་གུ་ཆིག་སྟོང་ལྷག་ཙམ་གྱིི་མཚན་བསྡུ་རུབ་གནང་ནས་༧གོང་ས་མཆོག་གིས་གཟེངས་བསྟོད་སྒྲིལ་སྐབས་མཁའ་དབྱིངས་ཀྱི་ཟླ་བའི་དཀྱིལ་ལས་བཏོན་པ་ལྟར་འཁྲུལ་བ་མེད་པར་དགེ་བཤེས་བློ་བཟང་ཤེས་རབ་ཀྱི་ཡང་སྲིད་དུ་ངོས་འཛིན་གྱི་ཕྱག་རྟགས་གནང་།

ཕྱི་ལོ་་༢༠༡༣ ཟླ་བ་ ༡༠ ཚེས་༦ བོད་ཟླ་བརྒྱད་པ་ཕྱི་མའི་ཚེས་༢ ཀྱི་ཉིན་བཟང་དེར་དགེ་འདུན་པ་དང་སྐྱ་སེར་ཕོ་མོ་རྣམས་ཀྱིས་སེར་སྦྲེངས་འགྲིག་ནས་མེ་ཏོག་སོགས་བཀྲིས་པའི་རྫས་འབུལ་བའི་སྒོ་ནས་དགའ་སྟོན་གྱི་གུས་བརྩི་ཞུ། དེ་སྐབས་གནམ་མཁར་སྤྲིན་གྱི་དར་ལམ་འཁྲིགས་ནས་མེ་ཏོག་གི་ཆར་པ་འབེབས་པ་སོགས་བརྟེན། འཁོར་ཡུག་ཏུ་རྡུལ་ཕྲ་མོ་ཙམ་ཡང་མེད་པར་མི་མང་ཚོ་དགའ་བའི་སྐུ་མུད་བཞད་པ་བྱུང་བ་སོགས་ཡ་ང་བའི་རཏགས་བཟང་མང་པོ་བྱུང་།

Contact

I'm always looking for new and exciting opportunities. Let's connect.

123-456-7890 

bottom of page